ལུས་ཁམས་བདེ་ཐང་།

གལ་ཏེ་ཁྱོད་ཀྱིས་གཤམ་གྱི་གསལ་འདེབས་དེ་དག་ལྟར་སྒྲུབ་ཚེ་ནད་རིགས་ལ་ལ་ཞིག་སྔོག་འགོག་བྱེད་པར་ཕན་པ་ཡོད།

4A Haende Waschen

རྒྱུན་པར་ལག་པ་བཀྲུ་ན་ནད་གཞི་སྔོན་འགོག་བྱེད་ཐུབ། མ་མཐར་ཡང་ཟ་མ་མ་ཟོས་སྔོན་དང་གཙང་སྤྱོད་ཁང་སོང་རྗེས་འདག་རྫས་ཀྱིས་བཀྲུ་དགོས།

1D Haende

རྒྱུན་པར་གཟུགས་པོ་བཀྲུ་བ།  ཉིན་རེ་ཐེངས་གསུམ་ལ་སོ་བཀྲུ་བ། 

རྒྱུན་པར་གཟུགས་པོར་གཅེས་སྐྱོང་བྱས་ན་ནད་ཕོག་པ་འགོག་ཐུབ།  དཔེར་ན་སོ་ན་བ་ཚེ་Medic-Help༼ནད་གཡོག་ཆེད་མཁས༽བཙལ་རོགས།

4D Impfung

འགོག་སྨན་རྒྱབ་ཚེ་ནད་རིགས་སྣ་མིན་འགོག་ཐུབ། འགོག་སྨན་རྒྱབ་པ་ཅི་ལྟར་མང་ཚེ་ནད་བྱུང་བའི་མི་དེ་ལས་ཉུང་།

སི་ཝེས་ཙེར་འཕྲོད་བསྟེན་སྡེ་ཁག་གིས་མཚམས་སྦྱོར་བྱས་པའི་འགོག་སྨན་བསྟེན་ན་འགོག་ཐུབ་པའི་ནད་རིགས།

  • ཆུ་ཐོར།
  • སིབ་བི། འགྲམ་རྨེན་གཉན་ཚད། ཟྭ་འབྲུམ།
  • མགྲིན་ནད། འཛུམ་བུ་ལྟག་དགྱེ། བརྒྱ་ལུ།
  • སྒལ་ཀླད་སྐྱ་བོའི་གཉན་ཚད།
Icon_Medic_Help.png

ཁྱོད་ཀྱིསMedic-Help༼ནད་གཡོག་ཆེད་མཁས༽བཙལ་ནས་བློ་འདྲི་རོགས།

4E Geschlechtsverkehr

ཨེ་ཙི་ནད་ལས་གཞན་ཆགས་སྤྱོད་བརྒྱུད་ནས་བྱུང་བའི་ནད་མང་པོ་ཡོད། རང་ལ་སྲུང་སྐྱོབ་བྱེད་ཐབས་ཆེས་གཙོ་བོ་ནི་ཆགས་སྤྱོད་བྱེད་དུས་སྲུང་ཤུབས་གོན་རྒྱུ།  ད་མིན་བུད་མེད་ཀྱི་སྲུང་ཤུབས་ཀྱང་ཡོད།

སྲུང་ཤུབས་འགེབས་སྲུང་ལྟེ་གནས་དང་སྨན་ཚོང་ཁང་། རྒྱུན་མཁོ་རྫས་འགྱུར་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་མང་ཆེ་ཤས་སོགས་ནས་ཉོ་ཐུབ།

4F Drogenkonsum

གལ་ཏེ་ཁྱོད་ཀྱིས་དུག་རྫས་འཐེན་དུས་བཀོལ་སྤྱོད་བྱེད་ཟིན་པའི་སྨན་ཁབ་བཀོལ་ཚེ་ཁྲག་ལམ་བརྒྱུད་ནས་ནད་འགོ་སྲིད། ནམ་ཡང་དག་གཙང་དང་བཀོལ་སྤྱོད་བྱེད་མེད་པའི་སྨན་ཁབ་བཀོལ་དགོས།

2C Schwangerschaft

གལ་ཏེ་ཁྱོད་ལ་མངལ་ཆགས་ཚེ། Medic-Help༼ནད་གཡོག་ཆེད་མཁས༽ལ་བཤད་རོགས།  Medic-Help༼ནད་གཡོག་ཆེད་མཁས༽ཀྱིས་ཁྱོད་ལ་མཉམ་འཇོག་བྱེད་དགོས་ས་དང་མ་བུ་གཉིས་ཀྱི་བདེ་ཐང་སྲུང་སྐོར་གྱི་ཤེས་བྱ་གསུང་ངེས། དེ་མིན་ཁྱོད་ལ་ཆེད་ཚན་སྨན་པ་ཞིག་བཀོལ་སྒྲིག་བྱེད་སྲིད།

1B Wo Medizinische Hilfe

ཁྱོད་ཀྱི་བྱིས་པ་དུས་ལྟར་Medic-Help༼ནད་གཡོག་ཆེད་མཁས༽ནས་བརྟག་དཔྱད་གནང་རོགས། Medic-Help༼ནད་གཡོག་ཆེད་མཁས༽ཀྱིས་ཁྱོད་ཀྱི་བྱིས་པ་ལ་འཚོ་བཅུད་དང་འཕྲེད་བསྟེན་ཐད་ནས་རོགས་བྱེད་ཐུབ། དེས་ཁྱོད་ཀྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་བྱུང་བར་ཕན་ཆེ།